ངོ་སྤྲོད།

འབྱུང་རབས

 

འབྲུག་རྒྱལ་ཁབ་ཀྱི་བསྒྱུར་བ་དང་བསྟུན་ གཞུང་གྲྭ་ཚང་གི་མངའ་འོག་ལུ་མ་ཚུད་མིའི་ ཆོས་ཚོགས་ཁག་གི་ འབྲུག

   ་གི་སྲོལ་རྒྱུན་གྱི་ཆོས་འདི་ མཐའ་བཙན་དང་ ཆོས་ཀྱི་མཐུན་འགྲིགས་ཡར་སྤེལ་གཏང་ནིའི་འབད་རྩོལ་ བསྐྱེད་ཐབས་

   ལུ་དང་འབྲུག་གི་ཆོས་སྡེའི་བཅའ་ཁྲིམས་སྤྱི་ལོ་ ༢༠༠༧ ཅན་མ་དང་ འབྲུག་གཞུང་གི་བཀའ་རྒྱ་ལྟར་ སྤྱི་ལོ་ ༢༠༠༩ 

   ལུ་ ལྷན་ཚོགས་ཀྱི་ཡིག་ཚང་ལོག་སུ་གཞི་འཛུགས་འབད་ཡོདཔ་མ་ཚད་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ མི་

   རྗེ་བློན་པོ་རིན་པོ་ཆེ་ དྲགོས་དྲུང་ཆེན་དང་སྲོལ་འཛིན་ཡོངས་ཁྱབ་མདོ་ཆེན་ཚུ་གིས་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་

   ལྟེ་བའི་ལས་རིམ་འགོ་འདྲེན་པ་ཕུར་བ་རྡོ་རྗེ་འདི་ འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་ལས་ རིམ་འགོ་དཔོན་གོངམ་འབད་

   གསར་བཀོད་མཛད་གནང་ནུག།

 

འཆར་སྣང་དང་དམིགས་དོན།

 

♦  ཆོས་སྡེ་ལུ་ཕན་ཐབས་དང་སྲོལ་རྒྱུན་གྱི་ཆོས་ཉེན་སྐྱོབ་དོན་ལུ་ ཆོས་སྡེ་ཚུ་གཞི་བཙུགས་ཀྱི་ཕན་གྲོགས་དང་།

♦  ཆོས་སྡེའི་ཕྱག་འགན་དང་རང་སྐྱོང་གི་མཚམས་འཛིན་གནད་དུ་སྨིན་ཐབས་ དེ་ཁར་རྟེན་གཞི་བཀོད་ནིའི་ དོན་ལུ་ མི་

  དམང་གི་འཁྲི་འགན་ལམ་ལུགས་ངེས་བརྟན་བཟོ་ནི།

♦  གཞུང་དང་ཆོས་འབྲེལ་གྱི་གཙུག་སྡེའི་བར་ན་ མཉམ་རོགས་ལེགས་ལྡན་གྱི་ཐབས་སྒྲིག་ནི།

♦  ཆོས་སྡེའི་ཁྲིམས་མཐུན་གྱི་ཕྱག་འགན་བསྟར་སྤྱོད་སྒྲུབ་ཐབས་དང་ ཡར་སྤེལ་གཏང་ནིའི་དོན་ལུ་ ལས་དོན་ ཚུ་གི་

  སྐྱོང་བཞག་དང་ དམ་འཛིན་ དེ་ཁར་འཛིན་སྐྱོང་ཚུ་དང་འཁྲིལ་ཐབས།

♦  ཞལ་འདེབས་ཀྱི་དངོས་པོའམ་ ཐེབས་རྩའི་མ་དངུལ་ ཡང་ན་རྒྱུ་དངོས་ཚུ་གནད་དུ་སྨིན་པའི་ཉེར་སྤྱོད་འབད་ ཐབས་

  ཡར་སྤེལ་གཏང་ནི་དེ་ཨིན།

 

ཆོས་སྡེ་ལྷན་ཚོགས་ཀྱི་མཛད་སྒོ།

 

ཆོས་སྡེ་ལྷན་ཚོགས་ཀྱི་མཛད་དགོཔ་འདི་ཡང་།

 

ཀ) འབྲུག་གི་སྲོལ་རྒྱུན་གྱི་ཆོས་འདི་ མཐའ་བཙན་དང་ ཆོས་ཀྱི་མཐུན་འགྲིགས་ཡར་སྤེལ་གཏང་ནིའི་འབད་རྩོལ་བསྐྱེད་

    ཐབས་དང་།

 

ཁ) ཆོས་སྡེ་ཚུ་དང་ ཐེབས་རྩའི་རིགས་ཐོ་བཀོད་དོན་ལུ་ ཞུ་ཡིག་གི་འབྲི་ཤོག་དང་ བྱ་བའི་གནད་སྤྱོད་ཆེད་དུ་བཀོད་ནི།

 

ག) དེ་ལུགས་ཀྱི་ཞུ་ཡིག་བཙུགས་ཏེ་ཟླ་ངོ་དྲུག་གི་རྒྱབ་ལས་ བཅའ་ཁྲིམས་འདིའི་དགོཔ་མཁོ་ལུ་ངེས་ཤེས་འདྲོངས་

    ཞིནམ་ལས་ཆོས་སྡེའི་ཐོ་བཀོད་དོན་ལུ་ ཞུ་ཡིག་གི་ཆ་འཇོག་དང་བསྐྱར་ཞིབ།

 

ང་) བཅའ་ཁྲིམས་འདི་བཞིན་ ཞུ་ཡིག་གང་ཞིག་ཆ་མེད་སྐོར་ལས་ རྒྱུ་མཚན་ཡིག་ཐོག་བཀོད་ནི།

 

ཅ) ཆོས་སྡེ་ཚུ་གིས་ ཆོས་འབྲེལ་གྱི་བཟོ་བསྐྲུན་ཚུ་ འབྲུག་གི་སྔར་སྲོལ་དང་ལམ་སྲོལ་གྱི་བཟོ་བཀོད་དང་ སྲོལ་རྒྱུན་ཚུ་

    དང་ རྒྱུན་བསྐྱོང་ཀྱི མཚམས་འཛིན་དང་ངེས་བརྟན་བཟོ་ནི།

 

ཆ) ཆོས་སྡེའི་ཕྱག་འགན་དང་ སྤྱིར་བཏང་ལས་དོན་ཚུ་གི་སྐོར་ལས་ གཞུང་ལུ་བཀའ་གྲོས་ཕུལ་ནི།

 

ཇ) ཆོས་སྡེ་ནང་འཁོད་ སྐྱོང་བཞག་གང་དྲག་གི་བློ་བསྐུལ་དང་ཕན་གྲོགས་མཛད་ནི།

 

ཉ) བཅའ་ཁྲིམས་འདི་དང་ དགོས་དོན་གང་ཞིག་ལུ་བརྟེན་གཞི་བཙུགས་གྲུབ་པའི་གཞི་འཛུགས་རྩ་དོན་ཡང་ན་ སྒྲིགས་

    ཡིག་ཚུ་ལུ་གནས་ཐབས་ལུ་ ཆོས་སྡེའི་ལས་དོན་ཁག་གི་བལྟ་ཞིབ་མཛད་ནི།

 

ཏ) གལ་སྲིས་ཆོས་སྡེ་གིས་ སྤྱིར་བཏང་ ཡང་ན་ དམིགས་བསལ་གྱི་དགོས་དོན་གང་ཞིག་ལུ་བརྟེན་ བཅའ་ཁྲིམས་

   འདིའམ་ འབྲེལ་ཡོད་རྒྱལ་ཁབ་ཀྱི་ཁྲིམས་གཞན་ལུ་མ་གནས་པའི་ལས་དོན་ཚུ་གི་འདྲི་རྩད་མཛད་ནི།

 

ཐ) ནམ་དགོས་དང་བསྟུན་ ཆོས་སྡེའི་འཛིན་ཐོ་དང་ལས་དོན་གྱི་ཀི་དེབ་བརྟག་དཔྱད་།

 

ད) བཅའ་ཁྲིམས་འདིའི་དོན་ཚན་ ༢༣ པའི་འགྲེལ་བརྗོད་ལྟར་ ཡོངས་གྲགས་ཀྱི་ཐོ་ཡིག་བཞག་ནི།

 

ན) ཆོས་སྡེ་གིས་ བཅའ་ཁྲིམས་འདི་ནང་ ཡང་ན་ འབྲུག་རྒྱལ་ཁབ་ཀྱི་ཁྲིམས་གང་ཞིག་ལས་འགལ་བའི་ལག་ལེན་ལས་

    བརྟེན་ཐོ་བཀོད་གྲུབ་པའི་འདུས་ཚོགས་སམ་ གཙུག་སྡེའི་མིང་ཐོ་ལས་ བཏོན་གཏང་ནི་ ཡང་ན་ཁ་སྐོང་བཀོད་ནི་།

 

པ) བཅའ་ཁྲིམས་འདི་ནང་ ཆེད་དུ་བཀོད་པའི་དབང་ཚད་དང་ ཁག་འགན་དེ་ལས་གཞན་ཡང་འབྲེལ་བ་ཡོད་པའི་ལག་

    ལེན་འཐབ་ནི་དེ་ཨིན།

 

 

ཆོས་སྡེ་ལྷན་ཚོགས་ཀྱི་ཕྱག་འགན།

 

 ཆོས་སྡེ་ལྷན་ཚོགས་ཀྱིས།

 

ཀ༽ ཞི་བདེ་དང་ འཚེ་མེད་ སྙིང་རྗེ་ བཟོད་པའི་གཞི་རྩ་དང་ཁྱད་ཆོས་ཡར་སྤེལ་གཏང་ནི་དང་།

 

ཁ༽ ཡོངས་ཁྱབ་ཀྱི་མིའི་ཁྱད་ཆོས་དང་ སངས་རྒྱས་པའི་གྲུབ་མཐར་རྩ་བ་འཛིན་པའི་ལེགས་ལྡན་དང་ བྱམས་སྙིང་

     ལྡན་པའི་མི་སྡེ་ཅིག་ ཡུན་བརྟན་གོང་འཕེལ་དངོས་སུ་འབྱུང་ཚུགས་པའི་གནས་སྟངས་བཟོ་ནི་ལུ་དོན་གཉེར་བསྐྱེད་

     ནི།

 

ག༽ ཆོས་འབྲེལ་གྱི་གཙུག་སྡེ་དང་ ཆོས་སྒོར་ཞུགས་མི་ཚུ་གིས་ རྒྱལ་ཁབ་འདིའི་སྲོལ་རྒྱུན་གྱི་ཆོས་ཡར་སྤེལ་གཏང་

      ནིའི་ངེས་བརྟན་བཟོ་ནི།

 

ང༽ རྒྱལ་ཁབ་ནང་ ཆོས་འདི་སྲིད་དོན་དང་ཐ་དད་གནས་དགོཔ་ངེས་བརྟན་བཟོ་ནི།

 

ཅ༽ ཆོས་འབྲེལ་གྱི་གཙུག་སྡེ་དང་ཆོས་སྒོར་ཞུགས་མི་ཚུ་ སྲིད་དོན་ལས་འདས་པའི་ཡུལ་ལུ་གནས་ཐབས་ངེས་བརྟན་

     བཟོ་ནི།

 

ཆ༽ མི་སྡེ་འཚོ་འབྱོར་གྱི་དོན་ལུ་ ཆོས་སྡེ་ཉམས་སྲུང་དང་ ཉེན་སྐྱོབ་ ཡར་སྤེལ་དོན་ལུ་ གཞུང་ལུ་དཔུང་གྲོགས་ཞུ་ནི་

     དེ་ཨིན།


Hit Counter provided by Los Angeles Windows