«

»

Jul 22

དཔེ་ཆ་བཀྲམ་སྤེལ།

དཔེ་ཆ་བཀྲམ་སྤེལ།

༉  སྤྱི་ཚེས་ ༡༧/༧/༢༠༡༤ ལུ་ ཐིམ་ཕུག་ རྒྱལ་ཡོངས་དཔེ་མཛོད་དང་གཏན་འཇོག་ཁང་ནང་འབད་ འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་མི་རྗེ་ཁྲི་འཛིན་ ནང་སྲིད་དང་སྲོལ་འཛིན་བློན་པོ་དམ་ཆོས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་བཞི་པ་དགུང་ལོ་ ༦༠ བཞེས་པའི་འཁྲུངས་སྐར་དུས་སྟོན་རྩིས་སྲུང་དང་འབྲེལ་ ལྷན་ཚོགས་དང་གཅིག་ཁར་ཐོ་བཀོད་ལས་གྲུབ་ཡོད་པའི་ ཆོས་ཚོགས་/གཞི་ཚོགས་ཚུ་ནང་དཔེ་ཆ་ རྒྱལ་སྲས་ལག་ལེན་རྩ་འགྲེལ་རྣམ་ཐར་ བཤེས་སྤྲིང་རྩ་འགྲེལ་རྣམ་ཐར་དང་ ལྷོའི་ཆོས་འབྱུང་ཚུ་ རིན་མེད་གཏོང་པའི་ཐོག་ལས་བཀྲམ་སྤེལ་མཛད་གནང་ཡོད།།


Hit Counter provided by Los Angeles Windows