«

Oct 02

ལྷན་ཚོགས་ཞལ་འཛོམས་ཐེངས་༡༩ པ།

འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་ཞལ་འཛོམས་ཐེངས་༡༩ པ་དེ་ སྤྱི་ཚེས་༢༥/༠༩/༢༠༢༠ ལུ་ སྲོལ་འཛིན་ལས་ཁུངས་ཀྱི་སྤྱི་དོན་ཁང་ནང་ལུ་སྦེ་ཚོགས་ཡོདཔ་ཨིན། ལྷན་ཚོགས་ཞལ་འཛོམས་ནང་ལུ་ གྲོས་གཞི་སྣ་ཚོགས་ཀྱི་ཐོག་ལུ་ གྲོས་བསྟུན་གནང་ཡོདཔ་མ་ཚད་ མི་རྗེ་ཁྲི་འཛིན་ ནང་སྲིད་དང་སྲོལ་འཛིན་བློན་པོ་མཆོག་གི་ ཆོས་སྡེ་ལྷན་ཚོགས་ཀྱི་རྒྱབ་ཁུངས་དང་ གལ་ཆེ་བའི་གནད་དོན་གྱི་སྐོར་ལས་གསུང་གནང་ཡོད། དེ་དང་ཅིག་ཁར་ ལྷན་ཚོགས་ཀྱི་འཐུས་མི་གསརཔ་ ཨ་ཎི་སྐུ་ཚབ་ ཞེ་ཆེན་ཆོས་ཚོགས་ཀྱི་ཨ་ཎི་ཚེ་རིང་ལྷ་སྒྲོན་དང་ རྒྱལ་ཡོངས་ཚོགས་སྡེའི་ཁྱད་ལྡན་གྱི་འཐུས་མི་ སྐལ་བཟང་ཆོས་སྐྱིད་རྡོ་རྗེ་ འཐུས་མི་དྲུང་ཆེན་ སྲོལ་འཛིན་ལས་ཁུངས་ཀྱི་མདོ་ཆེན་ ནག་མཚོ་རྡོ་རྗེ་གསུམ་ ཆོས་སྡེའི་བཟང་ཚང་ནང་ བྱོན་ཞུ་མཛད་གནང་ཡོད། ལྷག་པར་དུ་ ཆོས་སྡེ་གསརཔ་གི་དོན་ལུ་ཞུ་བ་ལྷོད་མིའི་ནང་ལས་ ཟླ་ངོ་དྲུང་ལང་མི་ ཆོས་སྡེ་གསརཔ་༡༢ ཡང་ གནང་བ་གྲུབ་གནང་ཡོད།


Hit Counter provided by Los Angeles Windows