Category Archive: གནས་ཚུལད་ང་ཁྱབ་བསྒྲགས

Sep 18

འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ།

  ༉ འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་འདི་ སྤྱི་ཚེས་ ༡༤/༩/༢༠༡༢ ལུ་ མི་རྗེ་ཁྲི་འཛིན་ ནང་སྲིད་དང་སྲོལ་ འཛིན་བློན་པོ་རིན་པོ་ཆེ་མཆོག་གིས་སྒོ་འབྱེད་གནང་ཡི།

Sep 18

འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་ཞལ་འཛོམས་ ཐེངས་ ༧ པ།

༉ འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་ཞལ་འཛོམས་ ཐེངས་ ༧ པ་ འདི་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་དང་ བསྟུན་ སྤྱི་ཚེས་ ༡༤/༩/༢༠༡༢ ལུ་ རྒྱལ་ཡོངས་དཔེ་མཛོད་དང་གཏན་ འཇོག་ཁང་ན་འབད་ཚོགས་ཡོདཔ་ཨིན།  

Jul 09

གནས་ཚུལད་ང་ཁྱབ་བསྒྲགས

༉ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་དང་བསྟུན་ སྤྱི་ཚེས་ ༠༦/༧/༢༠༡༢ ལུ་རྒྱལ་ཡོངས་དཔེ་མཛོད་དང་ གཏན་འཇོག་ཁང་གི་ཞལ་འཛོམས་ཁང་ནང་འབད་ མི་རྗེ་ཁྲི་འཛིན་ ནང་སྲིད་དང་སྲོལ་འཛིན་བློན་པོ་མི་འགྱུར་རྡོ་རྗེ་ མཆོག་གིས་ ཆོས་ཚོགས/གཞི་ཚོགས་གྲངས་ ༢༠ ལུ་ཐོ་བཀོད་ལག་འཁྱེར་ཐེངས་ ༥ གནང་ཡོདཔ་མ་ཚད་ དེ་ སྐབས་ ཀི་དེབ་ཆོས་ལུ་འཇུག་པའི་ལམ་ཟེར་མི་མའི་དེབ་ཅི་གསར་སྟོན་མཛད་གནང་ཡི། ཀི་དེབ་ཚུ་རིན་མེད་སྟོང་པའི་ ཐོག་ལས་འབྲུག་ནང་འཁོད་ཀྱི་སློབ་གྲྭ་ཁག་ སློབ་སྦྱོང་ལྟེ་བ་དང་ཟ་ཁང་ཚུ་ནང་བཀྲམ་སྤེལ་མཛད་གནང་ཡི། དེ་སྐབས་ ལྷན་ཚོགས་ཀྱི་འཐུས་མི་དང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ མདོ་ཆེན་དང་འགོ་དཔོན་ཚུ་བཅའ་མར་ གཏོགས་ཡོདཔ་ཨིན།


Hit Counter provided by Los Angeles Windows