Category Archive: Uncategorized

Dec 02

ཨ་ཎེའི་སྐུ་ཚབ།

༉ ཧེ་མའི་འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་ ཨ་ཎེའི་སྐུ་ཚབ/འཐུས་མི་ ཨ་ཎེ་ཡེ་ཤེས་ཆོས་སྒྲོན་འདི་ གནས་ཡུན་ ཚང་ཡོད་རུང་ སྤྱི་ཚེས་ ༢༢/༡༡/༢༠༡༣ ལུ་ རྒྱལ་ཡོངས་ཆོས་སྡེའི་ ཁྲི་འཛིན་གྱི་ཞལ་འཛོམས་ཐེངས་ ༢ པ་ ཚོགས་པའི་སྐབས་ ཨ་ཎེའི་སྐུ་ཚབ་ཚུ་གིས་ དོ་རུང་ཨ་ཎེ་མོ་རང་བཙག་འཐུ་འབད་ཡོདཔ་ལས་བརྟེན་ ཨ་ཎེ་མཆོག་ གིས་དོ་རུང་ལོ་ངོ་ ༣ གྱི་རིང་ཕྱག་ཞུ་ནི་ཨིན་མས།

Dec 02

༉ རྒྱལ་ཡོངས་ཆོས་སྡེའི་ ཁྲི་འཛིན་གྱི་ཞལ་འཛོམས་ཐེངས་ ༢ པ།

༉ རྒྱལ་ཡོངས་ཆོས་སྡེའི་ ཁྲི་འཛིན་གྱི་ཞལ་འཛོམས་ཐེངས་ ༢ པ་ཚོགས་པའི་སྐབས་ འབྲུག་གི་ཆོས་སྡེ་ལྷན་ ཚོགས་ཀྱི་ མི་རྗེ་ཁྲི་འཛིན་ བློན་པོ་དམ་ཆོས་རྡོ་རྗེ་མཆོག་གིས་ ཆོས་ཚོགས་/གཞི་ཚོགས་ཚུ་ལུ་ ཉེ་བར་མཁོ་བའི་ ཀི་དེབ་ རྩ་གཞུང་ བྱིས་པ་དག་ཡིག་ སུམ་རྟགས་རྩ་འགྲེལ་ ངག་སྒྲོན་རྩ་འགྲེལ་ཚུ་ རིན་མེད་སྟོང་པར་གནང་ ཡོདཔ་ཨིན།

Dec 02

༉ རྒྱལ་ཡོངས་ཆོས་སྡེའི་ ཁྲི་འཛིན་གྱི་ཞལ་འཛོམས་ཐེངས་ ༢ པ།

༉ རྒྱལ་ཡོངས་ཆོས་སྡེའི་ ཁྲི་འཛིན་གྱི་ཞལ་འཛོམས་ཐེངས་ ༢ པ་ཚོགས་པའི་སྐབས་ འབྲུག་གི་བློན་ཆེན་ཚེ་ རིང་སྟོབས་རྒྱས་མཆོག་ སྐུ་མགྲོན་གཙོ་བོ་འབད་འབྱོན་གནང་ཡོདཔ་མ་ཚད་ ཆོས་ཚོགས/གཞི་ཚོགས་གྲངས་ ༩ གི་ ཁྲི་འཛིན་ཚུ་ལུ་ ཐོ་བཀོད་ལག་ཁྱེར་ཐེངས་ ༨ པ་གནང་ཡོདཔ་ཨིན།

Dec 02

འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་ཞལ་འཛོམས་ ཐེངས་ ༩ པ།

༉ འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་ཞལ་འཛོམས་ ཐེངས་ ༩ པ་ འདི་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་དང་བསྟུན་ སྤྱི་ཚེས་ ༧/༡༡/༢༠༡༣ ལུ་ རྒྱལ་ཡོངས་དཔེ་མཛོད་དང་གཏན་ འཇོག་ཁང་ན་འབད་ཚོགས་ཡོདཔ་ཨིན།  

» Newer posts


Hit Counter provided by Los Angeles Windows